[转载]麦彭仁波切文殊语狮子仪轨

标签:
转载 |
༈འཇམ་དཔལ་སྨྲ་བའི་སེང་གེའི་སྒྲུབ་ཐབས་བློ་ཡི་ཉིན་བྱེད་བཞུགས།
文殊语狮子修持仪轨——聪慧增明
ཡིད་མཐུན་གནས་སུ་རྟེན་དང་མཆོད་པ་བཀྲམ།།མ་ཡེངས་སྤྲོ་བའི་ཡིད་ཀྱིས་སྐྱབས་སེམས་དང་།།
悦处陈设佛像及供品
ཚད་མེད་བཞི་བསྒོམ་སྟོང་ཉིད་དོན་བསམས་ནས།།སྭ་བྷ་ཝ་ཡིས་ཆོས་ཀུན་སྟོང་པར་སྦྱངས།།
思无量心以及空性义
ན་མོ།
那摩
དཀོན་མཆོག་གསུམ་འདུས་བླ་མ་འཇམ་དབྱངས་ལ། །དུས་རྣམས་རྟག་ཏུ་བདག་ནི་སྐྱབས་སུ་མཆི། །
三宝总集上师文殊尊
འགྲོ་བའི་དོན་དུ་བཅོམ་ལྡན་འཇམ་དཔལ་བསྒྲུབ། །
为利众生修持文殊佛
སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག།
愿诸众生永具安乐及安乐因
སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག།
愿诸众生永离众苦及众苦因
སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག།
愿诸众生恒时不离殊胜安乐
ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག།
愿诸众生住于远离贪嗔亲疏之等舍心(诵三遍)
ཨོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨཿ་སྭ་བྷ་ཝ་ཤུདྡྷོ྅ཧཾ།
嗡 娑巴瓦 修达萨儿瓦 达儿玛娑巴瓦修多杭(观空咒)
སྟོང་ལས་སེང་སྔོན་བསྣོལ་ཁྲི་པད་ཟླའི་སྟེང་།། དྷཱི་ལས་རང་ཉིད་འཇམ་དཔལ་སྐུ་མདོག་དམར།།
空中蓝狮莲座圆月上
དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས།། ཕྱག་གཉིས་རལ་གྲི་ཨུཏྤལ་གླེགས་བམ་བསྣམས།།
绸缎珠宝庄严跏趺坐
མདུན་དུ་པད་ཟླར་ཧྲཱིཿལས་དབྱངས་ཅན་མ།། སྔོན་མོ་འཛུམ་ཁྲོ་དར་དང་རིན་ཆེན་བརྒྱན།།
身前莲月舍字成妙音
རལ་གྲི་པོ་ཏི་འཛིན་ཅིང་བཞེངས་སྟབས་བཞུགས།། ཡབ་ཀྱི་ཐུགས་ཀར་བྷྲུྃ་ལས་འཁོར་ལོ་སེར།།
手持宝剑经函站立姿
རྩིབས་བཞིའི་ལྟེ་བར་རལ་གྲི་དྷཱི་ཡིས་མཚན།། དེ་མཐར་སྔགས་ཕྲེང་མར་མེ་ལྟ་བུས་བསྐོར།།
四辐中央具德宝剑立
ཡུམ་གྱི་ཐུགས་ཀར་པདྨ་འདབ་བཞིའི་དབུས།། རལ་གྲི་ཧྲཱིཿམཚན་སྔགས་ཀྱིས་བསྐོར་བའོ།།
妙音心间四瓣莲花中
རང་འདྲའི་ཡེ་ཤེས་ཐུན་དྲངས་གཉིས་མེད་ཐིམ།། ཐུགས་ཀའི་ས་བོན་སྔགས་ཕྲེང་འོད་ཟེར་གྱིས།།
如自智尊迎请无二融
སྣོད་བཅུད་གཞལ་ཡས་ཁང་དང་ལྷར་གྱུར་ཅིང་།། རིག་སྔགས་བཟླས་པས་ཐུགས་ཀའི་དྷཱི་ཡིག་ལས།།
情器变现佛与无量宫
དྷཱི་ཡིག་དམར་སེར་མར་མེའི་ཕྲེང་བ་བཞིན།། བརྒྱུད་མར་བྱུང་བ་ཡབ་ཀྱི་ཤངས་གཡས་ནས།།
红黄德字犹如光鬘般
ཡུམ་གྱི་ཤངས་བུག་གཡོན་ཞུགས་ཧྲཱིཿལ་ཐིམ།། དེ་ལས་ཧྲཱིཿཡི་ཕྲེང་བ་འགལ་མེ་ལྟར།།
入于妙音左鼻舍中融
བྱུང་བ་ཡུམ་གྱི་ཤངས་བུག་གཡས་ནས་ཐོན།། ཡབ་ཀྱི་ཤངས་བུག་གཡོན་དུ་ཞུགས་པ་ཉིད།།
循彼妙音右侧鼻孔出
དབྱངས་གསལ་ཡི་གེའི་རྣམ་པར་གྱུར་པ་ཡིས།། རང་ལུས་བ་སྤུའི་མཐར་ཐུག་ལྟེམ་གྱིས་གང་།།
顿时变现啊哩嘎哩咒
འོད་ཀྱིས་མི་ཤེས་མུན་བསལ་བློ་གྲོས་རྒྱས།། དེ་ལྟར་བར་མེད་འཁོར་བའི་སྔགས་ཕྲེང་ལས།།
放光净除痴暗智慧增
འོད་ཟེར་ཤེས་རབ་བུང་བའི་ཚུལ་དུ་འཕྲོས།། བརྟན་གཡོ་འཁོར་འདས་ཀུན་ལ་ཁྱབ་བྱས་པས།།
智慧光芒云涌普放射
རྒྱལ་དང་རྒྱལ་སྲས་ཉན་རང་པཎྚི་ཏ།། སོ་སྐྱེའི་ཤེས་རབ་གཟུངས་དྲན་ནུས་མཐུ་རྣམས། །
佛与佛子声缘班智达
འོད་ཟེར་བདུད་རྩི་དཀར་པོའི་རྣམ་པར་བསྡུས།། རང་གི་སྤྱི་བོར་ཐིམ་པས་ལུས་གང་གྱུར།།
变现洁白甘露光明相
སྡེ་སྣོད་རྒྱུད་སྡེ་གསང་སྔགས་རིག་སྔགས་གཟུངས།། བརྟན་གཡོའི་སྒྲ་དབྱངས་སྨྲ་བ་ངག་གི་དཔལ།།
三藏四续密明总持咒
མ་ལུས་དབྱངས་གསལ་ཡི་གེའི་རྣམ་པར་བསྡུས།། ལྕེ་ལ་ཐིམ་པས་ངག་དབང་བདེན་གྲུབ་གྱུར།།
无余变现啊哩嘎哩咒
ཉི་ཟླ་ནོར་བུ་སྐར་མ་སོགས་ཀྱི་འོད།། འབྱུང་ལྔ་སྨན་སོགས་བརྟན་གཡོའི་བཀྲག་མདངས་བཅུད།།
日月珍宝星辰等光辉
རྒྱལ་དང་རྒྱལ་སྲས་འཇིག་རྟེན་སྐྱོང་རྣམས་ཀྱི།། སྤོབས་པ་རྒྱལ་བློན་བཙུན་མོ་སོགས་ཀྱི་སེམས།།
佛及佛子诸护世间者
མདངས་ལྡན་འོད་ལྔའི་རྣམ་པས་ཐུགས་ཀར་ཐིམ།། མི་ཤིགས་སྤོབས་གྲུབ་རྡོ་རྗེའི་ཐུགས་སུ་གྱུར།།
变现璀璨五光心间融
དེ་ལྟར་དམིགས་པའི་འཕྲོ་འདུ་འབའ་ཞིག་ལ།།སེམས་བཞག་རིག་སྔགས་རྒྱལ་པོ་འདི་ཉིད་བཟླ།།
如是仅是射收所缘中
ཨོཾ་ཧྲཱིཿ་དྷཱི་མ་མེ་དི་པཾ་མཉྫུ་ཤྲཱི་མུཾ་ཧྲཱིཿཔྲཛྙཱ་ཝརྡྷ་ནི་ཧྲཱིཿདྷཱི་སྭཱ་ཧཱ།།
嗡舍德玛咩德邦曼孜熙儿蒙舍 斋加瓦儿达呢舍德梭哈
གསང་སྔགས་ཕྲེང་བ་ཉེར་གཅིག་པ།།ཡབ་ཡུམ་གཉིས་མེད་ཐུན་མོང་སྔགས།།
二十一字密咒鬘
ཡིད་ཆེས་དད་པ་རྩེ་གཅིག་ངང་།།བཟླས་པའི་སྐྱོན་བྲལ་ཅི་ནུས་བཟླ།།
具信至诚之心中
བརྒྱ་སྟོང་ཁྲི་འབུམ་བཟླས་པ་ཡིས།།རིམ་བཞིན་མི་བརྗེད་གཟུངས་ཐོབ་ཅིང་།།
如是功德依次为
སྒྲ་དང་སྐད་རིགས་ཀུན་ལ་མཁས།།ཉིན་རེ་ཚིགས་བཅད་ལྔ་སྟོང་ཟིན།།
千遍通达诸音语
ཤེས་རབ་མེ་ལྟར་མྱུར་འབར་ནས།།བཀའ་དང་བསྟན་བཅོས་ཐམས་ཅད་ཀྱི།།
十万智慧疾迅增
དོན་རྟོགས་ངག་གི་དབང་ཕྱུག་འགྱུར།།ཆེད་ད་བརྩམ་པར་མ་བྱས་ཀྱང་།།
通达获得语自在
ཚེ་དང་ལུས་ཀྱི་བཅུད་ལེན་འགྲུབ།།འགྲོ་བ་དབང་འགྱུར་སྟོབས་ཤུགས་འཕེལ།།
然却长寿身强健
མངོན་པར་ཤེས་པ་འཆར་བ་དང་།།ས་ཡི་དབང་ཕྱུག་དག་ཀྱང་ཐོབ།།
五眼以及六神通
མདོར་ན་མཆོག་དང་ཐུན་མོང་གི།དངོས་གྲུབ་སྣ་ཚོགས་ཚེགས་མེད་རྙེད།།
总之殊胜与共同
རབ་ཀྱིས་ཞག་གཅིག་འབྲིང་གིས་གཉིས། །ཐ་མས་ཞག་གསུམ་འགྲུབ་ཅེས་གསུངས།།
上根一日中二日
བྱིན་རླབས་མྱུར་ལ་རླབས་ཆེ་བའི།།ཟབ་མོའི་སྒྲུབ་ཐབས་འདི་ཉིད་ནི།།
加持迅速极广大
རྗེ་བཙུན་དམ་པས་འཇམས་དབྱངས་ལས།།མནོས་ཏེ་བརྩེ་བས་གཞན་ལ་གདམས།།
文殊传于帕当巴
འདི་ཡི་སྨིན་བྱེད་རྗེས་གནང་དང་།།རིལ་བུ་སྒྲུབ་པའི་ལས་ཚོགས་སོགས།།
此文灌顶及授权
དམ་པའི་རྒྱ་གཞུང་བཞིན་དུ་བྱ།ཐུན་མཐར་མཆོད་ཅིང་བསྟོད་གསོལ་གདབ།།
遵照当巴教言行
རང་ལས་སྤྲུལ་བའི་མཆོད་པའི་ལྷ་མོ་ནི། །ནམ་མཁའ་གང་བར་སྤྲུལ་ཏེ་ལྷ་ལ་མཆོད།།
自身化出供养天女众
ཉེར་སྤྱོད་བདུན་དང་འདོད་པའི་ཡོན་ཏན་ལྔ། །རྒྱལ་སྲིད་བདུན་དང་བཀྲ་ཤིས་རྫས་རྟགས་བརྒྱད།།
七种受用以及五妙欲
རི་རབ་གླིང་བཞི་ལྷ་མིའི་ལོངས་སྤྱོད་ཀུན། །བློ་ཡིས་བླངས་ཏེ་འཇམ་དཔལ་ཡབ་ཡུམ་མཆོད།།
山王四洲人天诸享用
བདག་ལ་བཀའ་དང་བསྟན་བཅོས་ཐམས་ཅད་ནི། །ཐོགས་མེད་མཁྱེན་པའི་ཤེས་རབ་མྱུར་དུ་སྩོལ།།
祈求疾速赐予我智慧
སེང་གེ་པདྨའི་གདན་སྟེང་དུ། །རྒྱལ་བའི་སྲས་པོ་འཇམ་པའི་དབྱངས།།
狮子莲花座垫上
མདོག་དམར་རལ་གྲི་པུསྟི་འཛིན། །སྨྲ་བའི་སེང་གེ་ལ་ཕྱག་འཚལ།།
身红执持宝剑函
ཆུ་སྐྱེས་ཉི་ཟླའི་གདན་སྟེང་དུ། །སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ།།
莲花日月座垫上
མདོག་སྔོན་རལ་གྲི་པུསྟི་འཛིན། །དབྱངས་ཅན་མ་ལ་ཕྱག་འཚལ་ལོ།།
身蓝执持宝剑函
འཇམ་དཔལ་དམར་པོ་ཡབ་ཡུམ་གྱི་གསོལ་འདེབས་བཞུགས་སོ། །
红文殊父母祈祷文
ན་མོ་ཝཱ་གི་ཤྭ་ར་ཡེ།
那摩瓦格秀ra耶!
དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གསུང་གི་བདག་ཉིད་བཅོམ་ལྡན་འདས།།པདྨ་རིགས་ཀྱི་བདག་པོ་སྟེ། །གསུང་གི་རྡོ་རྗེ་ཞེས་ཀྱང་བྱ། །
三世一切佛
འོད་དཔག་མེད་ལ་གསོལ་བ་འདེབས། །དེ་དང་ངོ་བོ་དབྱེར་མེད་པ། །སྲས་ཀྱི་ཐུ་བོའི་ཚུལ་བཟུང་བ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །
祈祷无量光
འཇམ་དཔལ་དམར་པོ་རལ་གྲི་འཛིན། །སྨྲ་བའི་སེང་གེར་གསོལ་བ་འདེབས། །ཤེས་རབ་ཡུམ་གྱི་ཚུལ་བཟུང་བ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །
执剑红文殊
གསུང་གི་ལྷ་མོ་དབྱངས་ཅན་མ། །གངྒཱའི་ལྷ་མོ་ཞེས་བྱ་བའི། །ངག་གི་ལྷ་མོར་གསོལ་བ་འདེབས། །གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །
语女妙音母
བདག་དང་བདག་གི་རྗེས་འཇུག་དང་། །མཐོང་ཐོས་དྲན་རེག་འགྲོ་བ་རྣམས། །མི་ཤེས་མུན་པ་རབ་གསལ་ནས། །ཤེས་རབ་རྩ་ཁ་དབྱེ་བར་ཤོག །
我与诸徒眷
སྐྱེ་བ་འདི་ནས་ཚེ་རབས་ཀུན། །ཤེས་རབ་འཆལ་བར་མི་འགྱུར་ཞིང་། །ཤེས་རབ་ཕུན་སུམ་ཚོགས་པར་ཤོག །རྒྱལ་བའི་གསུང་རབ་རྒྱ་མཚོ་ལས། །
从今生世中
མི་བརྗེད་གཟུངས་ཀྱང་ཐོབ་པར་ཤོག །ཆོས་ཉིད་རྣམ་པར་དག་པ་དང་། །རྟེན་འབྲེལ་བསླུ་བ་མེད་པ་དང་། །འཇམ་དཔལ་ཡབ་ཡུམ་ཐུགས་རྗེ་ཡིས། །
总持愿获得
སྨོན་ལམ་བཏབ་བཞིན་འགྲུབ་པར་ཤོག །
所愿愿成就
ཅེས་པ་འདི་ནི་འཇམ་དཔལ་དམར་པོའི་ཤེས་རབ་རྫས་དང་རིལ་བུ་འཁོར་ལོ་སོགས་རང་གིས་དཀའ་ཚེགས་ཆེན་པོས་སྒྲུབ་གྲྭ་རྣམས་ཞག་ཉེར་གསུམ་ལ་ཐུན་རེར་འུར་འདོན་བཅུག་པས། ཁོང་ཕལ་ཆེར་གཞུང་དང་མཐུན་པའི་རྨི་ལྟས་ལེགས་པོ་བྱུང་འདུག །རྣམ་གསུམ་འཛོམས་པའི་དུས་ཆེན་ཉིན། དངོས་གྲུབ་ལེན་ཆོག་ཚུལ་དུ་རཱ་ག་ཨ་སྱས་གསོལ་བ་བཏབ་པའོ། །
此红文殊之智慧物、丸、咒轮等,由自己辛苦制作,诸禅修僧众于二十三天中,每日皆以一座猛力诵修,之后,大多数人都如仪轨中所说,梦兆善妙,三重节(佛陀入胎、成道、涅槃日,即藏历四月十五日)那天,作为取悉地文, 嘎阿赛作了如是祈请。
བདག་ཐུགས་འོད་ཀྱིས་སྣོད་བཅུད་རང་ལ་ཐིམ།།རིམ་བཞིན་དྷཱིཿ་དང་ཐིག་ལེ་དམར་པོར་བསྡུ།།
由心发光情器融自身
དེ་ཉིད་འོད་ཞུ་སྣང་ཀུན་དམར་ལམ་སོང་།།འདས་དང་མ་འདས་དངོས་གྲུབ་དབང་བྱས་བསམ།།
明点消融万象红彤彤
དགེ་བ་བསྔོ་ཞིང་སྨོན་ལམ་ཤིས་བརྗོད་བྱ།།
回向发愿诵吉祥
སྒྲུབ་ཐབས་ཚིགས་བཅད་བསྡེབས་པ་འདི།།རབ་ཚེས་མེ་སྤྲེལ་སྣྲོན་ཟླ་ཡི།།
偈颂形式此仪轨饶才火猴心宿月
ཡར་ངོའི་ཚེས་གྲངས་བཅུ་གསུམ་ལ།།འཆི་མེད་མཆོག་གྲུབ་གླིང་ཞེས་པར།།
时为上弦十三日成就无死胜洲中
མི་ཕམ་པས་བྲིས་དགེ་ལེགས་གྱུར།།
麦彭巴造愿善妙
སླར་ས་སྤྲེལ་ཟླ་བ་དང་པོའི་ཚེས་བཅུ་གསུམ་སྒྲོན་འོད་ལ་བདེ་མཆོག་ཕོ་བྲང་དུ་དཔེ་བཤུས་པ་མངྒ་ལཾ།།
之后,土猴年一月十三日,于灯光下,胜乐宫中缮写,芒嘎朗!
འཇམ་དཔལ་སྨྲ་སེང་གི་ལོ་རྒྱུས་ནི། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དྲང་སྲོང་ཉི་མའི་ཤིང་རྟ་ལ་གནང་། དེས་བྲམ་ཟེ་རིག་བྱེད་གཞོན་ནུ་ལ་གནང་བ་ཡིན་ཏེ། རིག་བྱེད་གཞོན་ནུའི་མིང་དངོས་ལ། སྭ་སྟི་བྷ་དྲ་བྱ་བ་ཡིན་ལ། དེས་ལོ་དགུ་བཅུ་རྩ་དགུ་ལོན་པ་ན་འཁོར་བ་ལ་སྐྱོ་བ་སྐྱེས་ཤིང་། སངས་རྒྱས་ལ་དད་པ་ཐུན་མོང་མ་ཡིན་པ་ཐོབ་ནས་ཆོས་ཤེས་པར་འདོད་དེ། སུ་མ་ཏི་ཀཱིརྟི་ཞེས་བྱ་བའི་ཡི་གེའི་སློབ་དཔོན་ཞིག་གི་དྲུང་དུ་ཡི་གེ་སློབ་པར་ཕྱིན་པ་ན། དེ་ན་རེ། རྒས་ཤིང་འཁོགས་པས་ཡི་གེ་ཤེས་པར་མི་འགྱུར་ཟེར། བྲམ་ཟེའི་བསམ་པ་ལ། དེ་བདེན། འོན་ཀྱང་ཡི་གེ་མ་ཤེས་ན་ཆོས་མི་ཤེས། དེ་མ་ཤེས་ན་ཆོས་ཉམས་སུ་ལེན་པར་མི་ནུས། དེ་ཉམས་སུ་མ་བླངས་ན་འཁོར་བ་མི་སྤང་། དེ་མ་སྤངས་ན་སངས་རྒྱས་མི་ཐོབ་པས་དེས་ན་འཕགས་པ་འཇམ་དཔལ་ལ་རྩེ་གཅིག་ཏུ་གསོལ་བ་འདེབས་དགོས་སྙམ་དུ་བསམས་ནས། ཉི་མའི་ཤིང་རྟ་ལ་འདིའི་སྒྲུབ་ཐབས་ཞུས། དེས་ཀྱང་དགྱེས་བཞིན་བསྩལ། འདི་འགྲུབ་པ་ལ་ཇི་ཙམ་དགོས་ཞུས་པས། སྐལ་བ་དང་ལྡན་ན་ཉིན་གཅིག་གིས་འགྲུབ་པར་འགྱུར་གསུངས། དེ་ནས་བྲམ་ཟེས་འཇམ་དཔལ་གྱི་བྲིས་སྐུ་ཞིག་གི་དྲུང་དུ་རལ་གྲི་བཞག་སྟེ། དོ་ནུབ་ཞལ་མི་སྟོན་བྱིན་གྱིས་མི་རློབ་ན། རང་ཉིད་ཀྱི་མགོ་བཅད་དེ་འཆིའོ་ཞེས་དམ་བཅས་པ་བསྡོ་བཙུགས་ཏེ་གསོལ་བ་བཏབ་པ་ན། ནམ་ལངས་པའི་ཚེ་འཇམ་དཔལ་གྱིས་ཞལ་བསྟན་བྱིན་གྱིས་བརླབས་ཏེ། ཆོས་ཐམས་ཅད་སྐད་ཅིག་ཉིད་ལ་ཤེས་ཤིང་། ན་ཚོད་ཀྱང་ལོ་བརྒྱད་ལོན་པ་ཙམ་དུ་གྱུར་པས་བྲམ་ཟེ་རིག་བྱེད་གཞོན་ནུ་ཞེས་གྲགས། དེས་དབྱངས་ཅན་དབང་པོ་ལ། དེས་དམ་པ་སངས་རྒྱས་ལ་གནང་།
文殊语狮子修持仪轨之传承故事
佛陀最初将此法传于仙人斯玛格德,斯玛格德将此法又传给了婆罗门索德巴扎。
在索德巴扎九十九岁的时侯,对轮回生起了厌烦心,对佛法生起了不共信心,他非常想了解佛法,但苦于不识文字,于是就在阿阇黎斯玛格德面前表示自己想学习文字,阿阇黎斯玛格德对他说:“你的年龄已非常大了,文字很难学会。”婆罗门心想:此言不差,可是如果不识文字,便无法学法,如果不知法,则无法修持,不修持,无法脱离轮回,脱离不了轮回,则无法获得佛果,所以,我当一心一意地祈祷文殊菩萨。想到这儿,便对阿阇黎斯玛格德说:“那么,祈请您将此文之传承传授于我,”斯玛格德听后,非常欢喜地传给了他。婆罗门问:“此法修持多久能够成就,”斯玛格德言:“若具缘分,一日便可修成。”之后,婆罗门在一尊文殊像前放置了一把宝剑,并立下毒誓:“倘若今晚您不显现尊颜,不赐予我加持,我便断头自尽,”如是作了祈祷。待天明时,文殊菩萨显现尊颜,对他赐予了加持,刹那间,一切法无碍通达,身体也变成了八岁童子形相,人称婆罗门谓作明童子,后来,作明童子将此法传给了妙音自在,妙音自在又传给当巴桑吉等……,如是辗转传至藏地。
ཉི་ཟླ་ཤར་དག་མེ་ཏོག་འཐུ། །ཞིང་རྨོ་སྣག་ཚ་འཐུང་བ་དང་། །ཉམས་དགའ་ཡི་གེ་འབྲི་ཀློག་དང་། །མཚོན་ཆ་པུ་སྟི་རྙེད་རྨིས་ན། །ཤེས་རབ་འཕེལ་བ་ཐེ་ཚོམ་མེད། །དེ་སྐད་རྒྱ་གར་པཎྜི་ཏ། །ཀ་མ་ཤཱི་ལས་གསུངས་པ་ཡིན། །
嘎玛拉协拉(莲华戒)言修成此法之征兆,若梦采花日月升;耕垦田地饮墨汁;内心喜悦诵文字;拾得武器及经函,增长智慧无须疑。
译文注释
1.
2.
3.
4.
5.
6.
7.
8.
9.
10.
11.
12.
13.
14.
15.
16.
17.
18.
19.
20.
21.
22.
23.
24.
25.
26.
27.
28.
29.
30.
31.
32.
33.
34.
35.
36.
37.
38.
39.
40.
41.
42.
43.
44.
45.
46.
47.
48.
49.
50.
51.
52.
53.
54.
55.
56.
57.
58.
59.
60.
61.
62.
63.
64.
65.
66.
67.
68.
69.
70.
71.
72.
73.
74.