加载中…
个人资料
詹杜固上师
詹杜固上师
  • 博客等级:
  • 博客积分:0
  • 博客访问:217,541
  • 关注人气:184
  • 获赠金笔:0支
  • 赠出金笔:0支
  • 荣誉徽章:
相关博文
推荐博文
谁看过这篇博文
加载中…
正文 字体大小:

【藏文】2018全球雄登代表大会开创历史新篇章(中)

(2018-01-30 18:46:07)
标签:

多杰雄登

格鲁派

克切拉

詹杜固仁波切

分类: 多杰雄登
ས་ཚིགས་འཛམ་གླིང་རྒྱལ་ཡོངས་རྡོ་རྗེ་ཤུགས་ལྡན་ལྷན་ཚོགས ༢༠༡༨།
ལེའུ་གཉིས་པ

ཚོགས་ཆེན་སྐུ་བཅར་བའི་བསམ་ཚུལ། མ་ལེ་ཤི་ཡ་ནས།
【藏文】2018全球雄登代表大会开创历史新篇章(中)
ཨེ་བི་ཕུ།
ཐོག་མར། ངའི་དགེ་བའི་བཤེས་གཉེན་ཆེན་པོ་མཁས་དབང་༧སྐྱབས་རྗེ་ཚེམས་རིན་པོ་ཆེ་སྐུ་ཕྲེང་ཉེར་ལྔ་པ་མཆོག་ལ་ང་ལ་ཚོགས་ཆེན་དེར་བཅར་ཆོག་པའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ནས་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་གནང་མཁན་གལ་འགངས་ཆེ་ཞིང་འཛེམ་ཟོན་མེད་པར་ཤོད་ཐུབ་མཁན་བླ་གྲྭ་སོགས་ནས་སེམས་ངར་ཅན་གྱི་ཉམས་མྱོང་ཞིག་བསྐྱེད་བྱུང་། ཁོང་རྣམ་པའི་གསུང་བཤད་དང་དགོངས་བཞེད་རྣམས་ཞེ་དྲགས་ཀྱི་ངོ་མཚར་ཅན་རེད་འདུག །

ཚང་མས་མཁྱེན་གསལ་ལྟར། ཕྱི་ལོ་༡༩༩༦ ལོར་དབུས་བོད་མི་སྒྲིགས་འཛུགས་སམ་བཙན་བྱོལ་བོད་གཞུང་གི་དྲང་བདེན་མིན་པའི་ཐབས་འཇུས་ཀྱི་རྐྱེན། ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོར་མ་ཉེས་ཁ་ཡོག་གམ་བཀག་སྡོམ་གོ་བཙུག་ཞིང་། དེ་ནས་བཟུང་བསྟེན་གསོལ་བྱེད་པ་དེ་རྣམ་རྟོག་བྱེད་ཅིང་ད་དུང་ཁྲིམས་འགལ་ཆགས་བསྡད་ཡོད། དེ་ཙམ་མ་ཟད། དམིགས་བསལ་གྱི་རྒྱ་གར་བོད་པའི་སྤྱི་ཚོགས་ནང་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་གྱི་མཚན་སྟོན་པ་ཙམ་གྱི་རྙོག་གྲ་ཆེན་པོ་ཡོད་ཅིང་། བཀག་སྡོམ་དེས་བོད་མི་བར་དབྱེ་འབྱེད་ཁ་འབྲལ་དང་མི་མཐུན་པ་བཟོ་ཡོད་རེད། སུ་ཞིག་གིས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་པའི་བློ་ཐག་གཅོད་ན་མི་དེ་ལ་ཉེས་ཆད་བཏོང་ཞིང་། དེ་ཚོའི་དགོན་པ་དང་སྤྱི་ཚོགས་སམ་ལུང་པ་ནས་བཙན་འབུད་བཏོང་། ཁོ་ཚོ་ལ་ “རྒྱ་མིའི་རྒྱུག་ཁྱི་རེད་ཅེས” མིང་འདོགས་བཏགས་ཤིང་། གཞུང་འབྲེལ་ལས་ཁུངས་ཀྱི་གོ་གནས་དང་། དེ་བཞིན་སྒེར་སྐྱོང་སློབ་གྲྭ་དང་སྤྱི་དམངས་དོན་རྐྱེན་དུ་ངོས་ལེན་མ་བྱས་པ་ལྟ་བུ་གནས་ཚུལ་མང་པོ་བྱུང་ཡོད་དོ།

དེར་རྟེན། བོད་པའི་སྤྱི་ཚོགས་ནང་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་ནས་བསྡད་ཁག་པོ་ཞེ་དྲགས་ཡོད་ཅིང་། རང་གི་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་ནས་བསྡད་ཐུབ་པ་ལ་དཀའ་ལས་ཁག་པོ་ནང་ནས་དཀའ་ལས་ཁག་ཤོས་ཆགས་བསྡད་ཡོད། དེ་བསྟེན་གསོལ་བྱེད་ནས་བསྡད་ཐུབ་པ་དང་། དེ་དངོས་སུ་བསྟེན་གསོལ་བྱེད་ཅིང་། དྲང་བདེན་མིན་པའི་བཀག་སྡོམ་དེའི་ཁ་གཏད་དུ་བཤད་ཐུབ་པ་ནི་ཕལ་ཆེར་མི་སྲིད། འདིའི་ནང་བཀོད་བཞག་ཡོད། དཀའ་རྙོག་དེ་བསལ་ཐབས་སུ་འབད་བརྩོན་གནང་མཁན་སྙིང་སྟོབས་ཅན་གྱི་བླ་མ་དེ་ཚོ་ཚོགས་ཆེན་ནང་མང་པོ་ཞེ་དྲགས་ཕེབས་མེད་ཀྱང་ངས་ཚོགས་ཆེན་ནང་མཇལ་ཡོད་པ་དེ། དཔེར་ན་རྡོ་རྗེ་ཤུགས་ལྡན་གྱི་དགོན་སྡེ་སྣ་ཚོགས་ནས་ཕེབས་མཁན་དང་། བླ་མ་ཐུབ་བསྟན་ཕུར་བུ་མཆོག །དགེ་བཤེས་བསྟན་འཛིན་དཔལ་འབྱོར་མཆོག །དགེ་བཤེས་དཀོན་མཆོག་རྒྱལ་མཚན་མཆོག །དགེ་བཤེས་བྱང་ཆུབ་རྒྱལ་མཚན་མཆོག་ལ་སོགས་པ་དེ་ཚོ་ཙམ་རེད།

འཐུས་མི་ལྷན་རྒྱས་ཚོའི་གསུང་བཤད་ཉན་དུས་ཞེ་དྲགས་ཀྱི་བློ་མུན་བསལ་བྱུང་། གང་ཡིན་ཞེ་ན། ང་ཚོ་འཛམ་གླིང་ས་ཕྱོགས་གཞན་དང་རིགས་གཞུང་གཞན་ནས་ཡིན་ཞིང་། ད་དུང་སྐད་རིགས་གཞན་སྨྲ་མཁན་ཡིན་ཀྱང་དྲང་བདེན་མིན་པའི་མ་ཉེས་ཁ་ཡོག་ནས་ཕྲད་པའི་དཀའ་རྙོག་དེ་བསལ་ནས་ང་ཚོའི་བསྟེན་གསོལ་དེ་དག་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་དེ་བདག་ཅག་རྣམས་ཀྱི་བསྒྲུབ་བྱ་དེ་གཅིག་པ་ཡིན་ལགས། དཀའ་ལས་ཁག་ཤོས་ཀྱི་དུས་ཚོད་འདིར། ཚོགས་ཆེན་ནང་ང་ཚོས་གཞན་གཅིག་གི་དཀའ་ངལ་ཤེས་ཐུབ་ཅིང་། བསམ་འཆར་དང་ཐབས་ཤེས་བཞག །དེ་ནས་དེའི་ནང་བཤད་པའི་ལོ་རྒྱུས་ཤེས་པ་ནི་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོ་ལ་དགོས་ངེས་དེ་ག་རང་ཡིན།

རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཚོའི་དོན་དུ་དྲང་བདེན་མིན་པའི་བཀག་སྡོམ་ཁ་གཏད་དུ་ཕྱག་ལས་གནང་མཁན། སྙིང་སྟོབས་ཅན་གྱི་དཔའ་བོ་ལྡི་ལི་ལྷ་མི་སྲུང་སྐྱོབ་ཚོགས་པའི་ཚོགས་གཙོ་ཐོག་མ། ཆ་ཕྲེང་རྒན་ཡེ་ཤེས་ལགས་དང་། དགེ་བཤེས་དཀོན་མཆོག་རྒྱལ་མཚན། དགེ་བཤེས་བྱང་ཆུབ་རྒྱལ་མཚན་མཆོག་དང་། དེ་བཞིན་རྒྱ་ནག་ནང་འཇིགས་སྣང་མེད་པར་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་གནང་ཞིང་ཁྱབ་སྤེལ་གནང་མཁན་བླ་མ་ཐུབ་བསྟན་ཕུར་བུ་རིན་པོ་ཆེ་མཆོག་དང་དགེ་བཤེས་བསྟན་འཛིན་དཔལ་འབྱོར་མཆོག །སྙན་གྲགས་ཅན་གྱི་རྡོ་རྗེ་ཤུགས་ལྡན་གྱི་སྐུ་རྟེན་སྙན་བརྒྱུད་བསྟན་པའི་དོན་དུ་འཇིགས་སྣང་མེད་པར་ཕྱག་ལས་གནང་མཁན་དགེ་མིང་སྐུ་རྟེན་ལགས། བལ་ཡུལ་ནང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་དེ་འཇིགས་སྣང་མེད་ཅིང་མི་ཉམས་པར་འཛིན་སྐྱོང་གནང་མཁན་ཨ་ཅག་ལྷག་པ་ལགས་སོགས་པ་མཇལ་ནས་ངོ་མཚར་ཅན་གྱི་མཉམ་མྱོང་མང་པོ་བསྐྱེད་བྱུང་།

ཚོགས་ཆེན་ནང་དཔའ་བོ་སྙིང་སྟོབས་ཅན་མང་པོ་ཚོགས་བསྐྱོད་གནང་བ་ངས་ཤེས་རྟོགས་བྱུང་། དེ་ལ་སྐུ་བཅར་བ་ཚོའི་ལྷན་དུ་སྐད་ཆ་བཤད་དུས། བསྟེན་གསོལ་དེ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་ཚོགས་ཆེན་དེར་ཚོགས་བསྐྱོད་མ་གནང་ནའང་ད་དུང་ཕྱག་ལས་མྱུར་ཞིང་འཇིགས་སྣང་མེད་པར་ལྷག་བསམ་རྣམ་དག་གི་ཐོག་བསྟེན་གསོལ་གནང་མཁན་ཡོད་ཅིང་། དེ་ཚོའི་སྐོར་ཤེས་པར་བཅར་ཡོད་པ་ཤེས་བྱུང་། དེར་རྟེན་གནས་ཚུལ་དེ་ཚོ་ཤེས་ཡོང་དུས་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ནང་ནས་ང་དང་ང་འདྲ་བའི་ཀེ་ཆ་ར་ཆོས་ཚོགས་ཀྱི་མི་མང་ཁོ་ན་མ་ཡིན་པར་ད་དུང་འཛམ་གླིང་གང་སར་ང་ཚོའི་རྡོ་རྗེ་སྤུན་གྲོགས་མང་པོ་ཡོད་པ་ཤེས་བྱུང་།

ཚོགས་ཆེན་དེར་མཉམ་བཞུགས་བྱས་ནས་ང་ཞེ་དྲགས་དགའ་པོ་བྱུང་། བདག་གི་དགེ་བའི་བཤེས་གཉེན་ཆེན་པོ་མཁས་དབང་ཚེམས་རིན་པོ་ཆེའི་སྐུ་ཚབ་འཐུས་མི་བྱེད་ནས་ཚོགས་ཆེན་དེར་བཅར་ཆོག་པར་མགྲོན་བརྡ་གནང་མཁན་དང་གོ་སྒྲིག་པ་རྣམས་ལ་བཀའ་དྲིན་རྗེས་དྲན་གྱི་ཐུགས་རྗེ་ཆེ་ཞུ། བདག་གི་དགེ་བའི་བཤེས་གཉེན་ཆེན་པོ་མཁས་དབང་ཚེམས་རིན་པོ་ཆེས་ཡང་རྡོ་རྗེ་ཤུགས་ལྡན་དང་བཅས་པ་རྗེ་ཙོང་ཁ་པའི་ཆོས་རྒྱུན་གྱི་དོན་དུ་ཐམས་ཅད་བློས་གཏོང་ཞིང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་པ་ལ་བརྟེན་ནས་མ་ཉེས་ཁ་ཡོག་དང་དྲང་བདེན་མིན་པའི་བཀག་སྡོམ་གྱི་ཁ་གཏད་དུ་འཇིགས་སྣང་ཞུམ་པ་མེད་པའི་ཐོག་ནས་གསུང་གི་ཡོད་རེད། གོ་སྒྲིགས་པ་ཚོས་དཔལ་ལྡན་མཁས་དབང་ཚེམས་རིན་པོ་ཆེ་མཆོག་ལ་རྗེས་སུ་ཡི་རང་གི་ཐོག་ཚོགས་ཆེན་དེར་མགྲོན་བརྡ་ཕུལ་ནས་རྒྱབ་སྐྱོར་གནང་ཡོད་པ་དེ་མཐོང་ནས་དཔེ་མ་སྲིད་པའི་དགའ་པོ་བྱུང་། ངས་ཚོགས་ཆེན་འདི་མུ་འཐུད་ནས་ཡང་ནས་ཡང་དུ་ཚོགས་ཐུབ་པའི་རེ་བ་ཡོད་པ་དང་། འཛམ་གླིང་གང་སར་བཞུགས་པའི་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་རྣམས་ཚོགས་བསྐྱོད་གནང་ཞིང་མཉམ་ཞུགས་བྱེད་ནས་ཆིག་སྒྲིལ་སྟོན་དགོས་ཡོད། རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་དེ་གལ་ཆུང་ཅན་གྱི་གནས་ཚུལ་དུས་ནམ་ཡང་ཆགས་མ་སོང་། ཡིན་ནའང་དེང་སང་དེ་འཛམ་གླིང་ནང་རྒྱ་ཆེ་བའི་འཆར་སྣང་ལྟ་བུ་ཆགས་བསྡད་ཡོད། ཚོགས་ཆེན་དེ་ལ་ཡུ་རོབ་དང་། རྒྱ་ནག །བོད། རྒྱ་གར། སོག་ཡུལ། མ་ལེ་ཤི་ཡ་སོགས་ནས་ཕེབས་པའི་སྐུ་བཅར་བ་ཡོད་པས་འདིས་ཙམ་གྱི་རྒྱུ་མཚན་ཚང་མ་ར་འཕྲོད་དོ།།


【藏文】2018全球雄登代表大会开创历史新篇章(中)
པ་ས་ཊར་ཌ་བིཌ་ལའི།

ད་འཛམ་གླིང་རྒྱལ་ཡོངས་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཆོས་ཚོགས་ཀྱི་འཐུས་མི་རྒྱས་འཛོམས་ལྷན་ཚོགས་ཀྱི་ཚོགས་ཆེན་དང་པོ་དེ་གྲུབ་པ་རེད། ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཧ་ཅང་མང་པོ་འཛོམས་ཡོད་པ་དེ་ལ་གང་འདྲ་འབྱུང་ཡོད་ཅེས་ནས་བསམ་བློ་ཞིག་གཏོང་དུས་ཧ་ཅང་གི་དོན་དང་ལྡན་པ་ཞིག་བྱུང་འདུག །ངས་ཟུར་ཉན་པ་ཚོ་ལ་བསམ་བློ་ཞིག་གཏོང་དུས། གཅིག་བྱེད་ན་དགོས་དོན་དང་གྲོས་གཞི་དེ་ལམ་སང་གསལ་པོ་ཆགས་མེད་པ་ཡིན་གྱི་རེད་བསམ་བྱུང་། འོན་ཀྱང་གལ་སྲིད་རིམ་པ་བཞིན་དུ་བགྲོ་གླེང་དེ་ཤེས་འོང་དུས་ཡར་རྒྱས་དང་ལེགས་གྲུབ་ཀྱི་དོན་བསྒྲུབས་ཡོད་པ་གོ་རྟོགས་བྱུང་།

ཉམས་མྱོང་ཅན་གྱི་འཐུས་མི་མང་པོས་ཚོགས་ཆེན་ནང་ང་དང་ང་འདྲ་བོ་ལ། བོད་པའི་སྤྱི་ཚོགས་ནང་གི་གནད་དོན་ར་འཕྲོད་གནང་ནས་ཐད་ཀར་དུ་ཉམས་མྱོང་པོ་བྱུང་། ཚོགས་ཆེན་དེར་འཛོམས་ནས་རྡོ་རྗེ་ཤུགས་ལྡན་གྱི་གནད་དོན་གཏིང་ཟབ་པོར་གོ་རྟོགས་བྱུང་བ་དང་། དེ་ལ་རྗེས་སུ་ཡིད་རང་ཞུ་བཞིན་ཡོད། ཚོགས་ཆེན་སྐབས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོགས་པ་མི་འདྲ་བ་ཁག་ནས་ཚོགས་སྐྱོད་བསྐྱངས་ཡོད་པ་གསལ་པོ་རེད། བསམ་འཆར་བཤད་འདོད་ཡོད་མཁན་བླ་མ་མི་འདྲ་བའི་དགེ་ཕྲུག་ཚོ་ཚང་མ་སོ་སོའི་བསམ་འཆར་བཤད་ཡོད་ཅིང་། གང་ལྟར་རྡོ་རྗེ་ཤུགས་ལྡན་གྱི་གནད་དོན་ཐོག་ལྷན་རྒྱས་ཚང་མའི་བསམ་དོན་དང་དམིགས་ཡུལ་གཅིག་པ་རེད་འདུག །

མཁས་དབང་ཀུན་བདེ་གླིང་རིན་པོ་ཆེས་གསུང་འགྱུར་གནང་པའི་གཏམ་བཤད་ཉན་ནས། ངས་ཚོགས་ཆེན་དེ་དངོས་གནས་གྲུབ་འབྲས་ཅན་གྱི་དོན་རྐྱེན་ཆེན་པོ་ཡིན་པ་བཤད་ཐུབ་ཀྱི་ཡོད། ཚོགས་ཆེན་དེ་ཧ་ལས་པའི་ཡག་པོ་གོ་སྒྲིགས་གནང་ཡོད་པ་དང་མི་མང་ཡང་མང་པོ་ཞེ་དྲགས་ཕེབས་འདུག །དེ་ལ་ཡུ་རོབ་ནས་ཡིན་པའི་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་དཔེར་ན་དགོན་སར་རིན་པོ་ཆེ་དང་གངས་ཅན་རིན་པོ་ཆེ་ལྟ་བུ་ཁོང་རྣམ་པའི་འཐུས་མི་ཕེབས་ཡོད་པ་དང་། དེ་བཞིན་ཐའི་ཝན་ནས་ཕེབས་པའི་འཐུས་མི་དང་དགོན་སྡེ་ཁག་གི་འཐུས་མི་རྣམ་པ་ཚོ་ཡང་འཛོམས་ཡོད་རེད།

ཚོགས་ཆེན་སྐབས། བསམ་བློ་མི་མཐུན་པ་དང་རང་བཤད་རྐྱང་པ་འགོག་ཐབས་དང་། སོ་སོའི་དགའ་མོས་ཀྱི་ཚོགས་པ་དང་བླ་མ་གཅིག་པོའི་སྐོར་བཤད་མི་ཆོག་པར་འཐུས་མི་རེ་རེ་ལ་དྲིལ་བརྡ་བཏང་ཞིང་། བསམ་འཆར་བཤད་པའི་གོ་སྐབས་དང་དུས་ཚོད་ཐོབ་སྟངས་ཀྱི་ཚད་གཅིག་པ་གཞག་ཡོད་རེད། ཁོང་ཚོའི་བསམ་འཆར་ནང་རྡོ་རྗེ་ཤུགས་ལྡན་བསྟེན་འདོད་ག་ཚོད་ཡོད་མེད་གཏམ་བཤད་ལ་རྟེན་གསལ་པོར་ཤེས་ཐུབ་ཀྱི་འདུག །

འཛམ་གླིང་ཕྱོགས་གང་སར་ནས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚང་མ་རྡོ་རྩ་ཆིག་སྒྲིལ་གྱི་ནུས་པ་དགོས་པ་དང་། དོན་སྙིང་ཁྱབ་སྤེལ་བྱེད་པར་ཚོགས་ཆེན་ལེགས་པར་གྲུབ་ཡོད། ཚོགས་ཆེན་དེས་ང་རང་ཚོ་དང་རྡོ་རྗེ་ཤུགས་ལྡན་གྱི་འབྲེལ་བའི་གནས་སྟངས། དེ་བཞིན་རིན་པོ་ཆེས་རྡོ་རྗེ་ཤུགས་ལྡན་གྱི་ཐོག་ལ་ཕྱག་ལས་གནང་ཡོད་པ་དེ་ཚོའི་སྐོར་ས་ཐག་རིང་པོ་ནས་ཚོགས་སྐྱོད་བསྐྱངས་པའི་གལ་འགང་ཆེ་བའི་བླ་སྤྲུལ་དགེ་བཤེས་ཚང་མ་ལ་བཤད་པའི་གོ་སྐབས་བྱུང་། ཚོགས་ཆེན་མ་ཚོགས་གོང་ནས་ཚོགས་མི་ཚང་མས་ཚེམས་རིན་པོ་ཆེ་སྐུ་འཕྲེང་ཉེར་ལྔ་པས་ཆོས་སྐྱོང་ཐོག་ཕྱག་ལས་རྒྱ་ཆེན་པོ་གནང་གི་ཡོད་པའི་སྐོར་ཚང་མས་མཁྱེན་གྱི་འདུག །

རིན་པོ་ཆེ་མཆོག་གིས་མཛད་འཕྲིན་དོན་ཆེན་པོ་མང་པོ་སྒྲུབ་ཡོད་པ་དང་། བསྟེན་གསོལ་ཁྱབ་སྤེལ་གཏོང་བར་ཧ་ཅང་གི་མཛད་བྱས་ཆེན་པོ་བྱུང་ཡོད་པ་མ་ཟད། ཕྱག་རོགས་ཕྱག་མཛོད་བེང་ཀུའི་ལགས་དང་། ཨ་ནེ་བློ་བཟང་པདྨ་ལགས་སོགས་མཉམ་བཞུགས་གནང་བ་དང་། དམིགས་བསལ་ཚོགས་བཅར་བ་ཚོས་བེང་ཀུའི་ལགས་ཀྱི་གཏམ་བཤད་ཉན་པའི་རྗེས་སུ་ཚང་མས་ཧ་ཅང་དགའ་པོ་བྱུང་འདུག །

ཚོགས་ཆེན་ལེགས་པར་གྲུབ་པའི་མཐར། བོད་པའི་ལོ་རྒྱུས་ཀྱི་བལྟ་ཚུལ་ལྟར་དེ་ཕན་ཐོགས་ཅན་གྱི་དོན་ཆེན་པོ་ཞིག་ཡིན་པ་ངོས་འཛིན་གསལ་པོ་སྟོན་གྱི་འདུག །གཅིག་བྱས་ན་དེ་གསར་རྗེ་དེ་འདྲ་གང་ཡང་མ་རེད། ཡིན་ནའང་མ་འོངས་པར་རྡོ་རྗེ་ཤུགས་ལྡན་གྱི་གནས་སྟངས་ཡག་པོ་ཆགས་སྲིད་པའི་རྟགས་མཚན་གསལ་པོ་འདུག །


【藏文】2018全球雄登代表大会开创历史新篇章(中)
མར་ཊིན་ཅོའུ།

འཛམ་གླིང་གང་སར་བཞུགས་མཁན་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་བལ་ཡུལ་དུ་ཚོགས་ཆེན་དུ་ཕེབས་པ་ནི་དབུས་བོད་མིའི་སྒྲིག་འཛུགས་ནས་ང་ཚོ་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་ལ་བཙན་འགོག་བྱེད་པས་འདི་འགོག་སྲུང་བྱེད་པ་ཙམ་མ་ཡིན་པར་རི་བོ་དགེ་ལུགས་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་གོམ་པ་ཆེན་པོ་ཞིག་སྤོ་བ་མཐོང་། ཚོགས་ཆེན་འདི་ཚོགས་པ་ནི་གལ་ཆེན་པོ་ཞེ་དྲགས་རེད། གང་ཡིན་ཟེར་ན་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་གནང་མི་ཆོག་ཞེས་བཀག་འགོག་དེས་རྗེ་ཙོང་ཁ་པ་ཆེན་པོའི་གཏན་འབེབས་བྱས་པའི་དགེ་ལུགས་པའི་བསྟན་པ་ལ་གནོད་སྐྱོན་ཡོང་གི་ཡོད་རེད།

རྒྱལ་ཁབ་འདྲ་མིན་སྣ་ཚོགས་ནས་ཕེབས་པའི་རྡོ་རྗེ་ཤུགས་ལྡན་པ་བསྟེན་གསོལ་བ་རྣམས་མཇལ་རྒྱུ་རགས་དུས་ལྷ་བསྟེན་གསོལ་འདི་ཕྱོགས་ག་བར་ཁྱབ་ཡོད་པ་དང་། དེའི་ཉམས་ལེན་འདི་དག་དར་རྒུད་ཅན་ཡིན་པའི་སྐོར་བདེན་དཔང་ཞིག་ཆག་གི་ཡོད་ཅིང་། ཤུགས་ལྡན་པ་ཡོངས་སུ་རྫོགས་པ་ཆོས་བརྒྱུད་འདི་སྤེལ་བར་ག་ཚོད་ཀྱི་རང་སྲོག་བློས་བཏང་མཁན་ཡིན་པ་གསལ་པོ་བྱས་གནས་སྟོན་གྱི་ཡོད་པ་དང་། འདི་འདྲ་མཐོང་དུས་སེམས་ནང་ཧ་ཅང་དགའ་ཚོར་སྐྱེས་བྱུང་། ང་ཚོའི་ཚོགས་ཆེན་འདི་ཚོགས་པ་མཐོང་དུས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་དེ་མེད་པར་བཟོ་བའི་འབད་བརྩོན་བྱས་པ་དེ་སྒྲུབ་མེད་པ་དངོས་སུ་མཐོང་གིན་འདུག །

ཚོགས་ཆེན་ནང་མི་མང་པོ་ཐུག་འཕྲད་བྱུང་ནས་གོ་བསྡུར་སོགས་ལ་དོ་སྣང་བྱས་པའི་རྗེས་སུ་ང་རང་གི་གོ་རྟོགས་གང་བྱུང་ཟེར་ན། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་སྐོར་བཀག་སྡོམ་དེ་བོད་མི་གཅིག་པུའི་རྙོག་དྲ་མིན་པ་དང་། ༧གོང་ས་མཆོག་གིས་བཀའ་གང་ཕེབས་ཀྱང་བོད་མི་རྣམས་ཀྱིས་བརྩི་དགོས་ཞེས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བཙན་བསྐུལ་བྱས་ཀྱི་ཡོད་པས། ད་ལྟ་བཀག་སྡོམ་འདིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འོག་ལ་མི་གནས་མཁན་དང་ཁོང་ཚོའི་ཁྲིམས་ཀྱི་རྗེས་སུ་མི་འགྲོ་མཁན་དང་དབང་བསྒྱུར་བྱེད་མི་ནུས་མཁན་མི་མང་པོ་ལའང་གནོད་ཀྱི་ཡོད་རེད། ཚོགས་ཆེན་སྐབས་སུ་བདག་གི་སེམས་ལ་འཐད་པའི་སྐད་ཆ་འགའ་ཤས་ག་རེད་ཡིན་ཟེར་ན།

དང་པོ་དེ། གྲོས་ཚོགས་དེ་ཉིད་ཧ་ཅང་གྲ་འགྲིག་པོ་དང་ཕྱོགས་ཐམས་ཅད་ནས་ཕུན་སུམ་ཚོགས་པ་ཞིག་དང་འཛམ་གླིང་གང་སར་ནས་ཕེབས་པའི་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་ཀྱིས་སོ་སོའི་འཆར་སྒོ་ཞུས་ཐུབ་པའི་ཐོབ་ཐང་ཡང་འཛིན་པ་དང་རྡོ་རྩ་གཅིག་སྒྲིལ་ཡོང་བ་དང་འབྲེལ་བ་བརྟན་པོ་སྤེལ་བར་མཐུན་རྐྱེན་འཛོམས་འདུག །རིགས་བརྒྱུད་ཆག་གྲུམ་འདི་དྲག་སྐྱེད་ཡོང་བར་གོམ་པ་དང་པོ་འདི་འདྲ་སྤེལ་དགོས་པ་ཞེ་དྲགས་ཀྱི་གལ་ཆེན་པོ་རེད།

གཉིས་པ་ནི། བལ་ཡུལ་གཞུང་གིས་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་ལ་སྲུང་སྐྱོབ་བྱེད་པ་དེ་ལ་རང་གི་སེམས་ཞེ་དྲགས་ཀྱི་དགའ་ཚོར་སྐྱེས་བྱུང་། སྐུ་མགྲོན་བདེ་སྲུང་སྐྱོབ་བློན་ཆེན་གྱིས་གསུང་བཤད་གནང་བ་ལྟར་ན། བལ་ཡུལ་སྤྱི་ཚོགས་ནང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་ལ་སུ་གང་ཞིག་གིས་དབྱེན་འབྱེད་མི་ཐུབ་ཞེས་འགན་ལེན་བྱས་གནང་བ་དེ་ལ་ང་ཚོས་ཡིད་ཆེས་ཡོད།
གསུམ་པ་ནི། ལོ་གཅིག་ནང་ཚར་གཅིག་སྨོན་ལམ་ཆེན་མོ་སྐབས་སུ་རྡོ་རྗེ་ཤུགས་ལྡན་དུས་ཆེན་ཞེས་མཛད་སྒོ་ཞིག་བྱེད་དགོས་པའི་བསམ་འཆར་དེ་ཉིད་ཕུལ་དུ་བྱུང་བ་ཞིག་རེད་བསམ་གྱིན་འདུག །མཛད་སྒོ་དེ་གཏན་འབེབས་བྱེད་པའི་ན་ང་ཚོ་རྡོ་རྗེ་ཤུགས་ལྡན་གྱི་ཆོས་བརྒྱུད་དང་བོད་པའི་རིགས་གཞུང་དུས་རྟག་ཏུ་མི་ཉམས་རྒྱུད་འཛིན་བྱེད་ཐུབ་ཀྱི་རེད་བསམ།

ཚོགས་ཆེན་ནང་བཅར་བའི་མཉམ་ཞུགས་པ་རྣམས་ཀྱི་འགན་འཁུར་དང་དམ་བཅའ་དེ་བཞིན་རྗེ་ཙོང་ཁ་པ་ཆེན་པོའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་བའི་སེམས་ཚོར་དྲག་པོ་དང་ཟབ་མོ་གནང་བའི་གསུང་བཤད་ཀྱིས་དངོས་གནས་བློ་སྟོབས་སྤེལ་བྱུང་། ཉིན་ཤས་རིང་ང་ཚོའི་སེམས་ནང་ཞི་བདེ་ཆེན་པོ་བྱུང་།

མདོར་བསྡུས་ན་ང་རང་ཆེད་དུ་གྲོས་ཚོགས་དེ་ནང་བཅར་ཐུབ་པ་དེ་ཉམས་མྱོང་ཆེན་པོ་དང་ཞེ་དྲགས་ཀྱི་བློ་སྟོབས་སྤེལ་བྱུང་། གྲོས་ཚོགས་རང་གི་སྐོར་བཤད་ན་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་ཀྱི་ལོ་འཁོར་གྲོས་ཚོགས་འདིའི་ང་རང་ཚོ་ཚང་མའི་ནུས་ཤུགས་ཆེར་ཆེར་སྐྱེ་བར་བྱེད་ཀྱི་ཡོད་པས་ང་ཚོའི་རིགས་རྒྱུད་འདི་ད་ཉེན་ཁ་མེད་པ་རེད།

【藏文】2018全球雄登代表大会开创历史新篇章(中)
ཨ་ནི་བློ་བཟང་པདྨ།

འདས་པའི་ལོ་ ༢༠ རིང་རྡོ་རྗེ་ཤུགས་ལྡན་བསྟེན་གསོལ་བ་རྣམས་སྐྱིད་པོ་དང་ཡག་པོ་ཞིག་འགྲོ་ཐུབ་ཡོད་པ་མ་རེད། ཕྱི་ལོ་ ༡༩༩༦ ནང་བོད་པའི་དབུ་ཁྲིད་རྣམས་ཀྱིས་ཁྲིམས་འགལ་ཐོག་རྡོ་རྗེ་ཤུགས་ལྡན་བཙན་བཀག་བཀའ་གཏོང་བ་དང་ཤུགས་ལྡན་པ་ཡོངས་ཁ་གཏོར་ཏེ་ཆོས་ལུགས་ཀྱི་སྡུག་སྦྱོང་སྤྲོད་ནས་གསོན་པར་དྲག་ཤུགས་སྤེལ་བ་རེད། འདི་ང་ཚོས་དྲང་པོ་ཞུས་དགོས་ཀྱི་ཡོད་རེད། ཤུགས་ལྡན་པ་རྣམས་མང་ཚོགས་དང་འབྲེལ་བ་ཡོད་མ་རེད། དངུལ་རྩིས་རོགས་རམ་གནང་མཁན་དང་འཇིག་རྟེན་མགོན་པའི་མཚན་འཁྱེར་ནས་ཡོད་པའི་༧གོང་ས་ཆེན་པོ་ནང་བཞིན་གྱི་རྒྱབ་སྐྱོར་གནང་མཁན་ཡང་ཡོད་མ་རེད། དུས་འདི་འདྲ་སྐབས་ང་ཚོ་ནི་ནུས་ཤུགས་ཉུང་ལྡན་ཞིག་ཡིན་པ་དང་ང་ཚོའི་ཁ་གཏད་དུ་ནུས་སྟོབས་ཆེན་པོ་དང་ལྡན་མཁན་གྱི་ཤོག་ཁག་ཡོད་པ་རེད།

དེར་འཛམ་གླིང་རྒྱལ་ཡོངས་ཤུགས་ལྡན་ཆོས་ཚོགས་ཀྱི་འཐུས་མི་རྒྱས་འཛོམ་ལྷན་ཚོགས་ཚོགས་ཐུབ་པ་ནི་དོན་གནད་ཆེན་པོ་དང་ཆག་སྒྲུམ་སྤྱི་ཚོགས་མང་པོ་མཉམ་དུ་འཁྱེར་ནས་ང་ཚོས་གདོང་ལེན་གང་འདྲ་བྱེད་དགོས་སྐོར་གོ་བསྡུར་བྱེད་ཐུབ་པ་རེད།

བདག་གི་ཆེད་དུ་ཁང་མིག་དེའི་ནང་དད་གུས་དང་གུས་ཞེན་ཡོད་མཁན་ཀྱང་ཀྱང་དང་། སྡེ་ཚན་ཁག་དང་གང་ཟག་བྱེ་བྲག་པ་ཞིག་གི་ཀྱང་ང་ཚོའི་རིགས་བརྒྱུད་དམ་ཆོས་བརྒྱུད་སྲུང་སྐྱོབ་བྱེད་ཕྱིར་ཚང་མའི་འཛིང་འཐབ་བྱེད་པ་དང་། སྐད་ཆ་མང་པོ་བློས་གཏོང་དགོས་བྱུང་། དེ་ནས་བདག་གི་གང་ཤེས་སོང་ཟེར་ན། ང་ཚོ་ག་ཚོད་ཐག་རིང་པོ་གནས་ཀྱི་ཡོད་ཀྱང་། ང་རང་ཚོ་ཚང་མའི་བསམ་འཆར་འདི་ང་ཚོའི་ཆོས་བརྒྱུད་འདི་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་བསམ་འཆར་གཅིག་པ་འཁྱེར་ཡོད་པ་ཤེས་བྱུང་།

ང་ཚོས་གཡོ་འགུལ་ཚང་མ་ཆོས་ཀྱི་ཀུན་ནས་སློང་བ་ཡིན་པ་བདག་གི་གསལ་པོ་ཤེས་ཀྱི་ཡོད། གང་ཡིན་ཟེར་ན་སྟོན་པ་བཅོམ་ལྡན་འདས་ཀྱི་གསུང་ལ་རྟེན་ནས་ཁང་མིག་དེ་ནང་སེམས་ཚོར་སྐྱེན་པོའི་མི་ ༢༠༠ ཚང་མ་སོ་སོའི་བསམ་འཆར་དང་བསམ་ཚུལ་ཡོད་དུས་ཞི་མཐུན་གྱི་སྒོ་ནས་གོ་བསྡུར་བྱེད་ཐུབ་འབྱུང་། བླ་མ་ཐུབ་བསྟན་ཕུར་བུ་མཆོག་དང་དགེ་བཤེས་བསྟན་འཛིན་དཔལ་འབྱོར་ཁོང་ལྟ་བུ་རྣམས་གྲོས་བསྡུར་སྐབས་སུ་སངས་རྒྱས་ཀྱི་གསུང་དང་འགལ་ནས་དུས་ནམ་ཡང་གསུང་བཤད་གནང་མ་སོང་། དེ་བཞིན་དཔལ་ལྡན་ཀུན་བདེ་གླིང་རིན་པོ་ཆེ་མཆོག་གིས་ཡང་ཉིན་གསུམ་རིང་གར་ང་ཚོ་མ་ལེ་ཤི་ཡ་ནས་སླེབས་པའི་འཐུས་མིའི་ཆེད་དུ་སྐད་བསྒྱུར་བྱེད་པར་དཀའ་ལས་སྐྱོང་གནང་སོང་། དེ་ནས་བལ་ཡུལ་ཨ་ཅག་ལྷག་པ་ལགས་དང་ཡུ་རོབ་བཀྲ་ཤིས་རྟགས་ཆེན་ལགས་དང་ཆ་ཕྲེང་ཆོས་གྲགས་ལགས་རྣམས་ཀྱིས་གསུང་བཤད་སྐད་ཆ་ཚ་པོ་ཐོག་ནས་གསུང་ཀྱང་ཁོང་ཚང་མའི་ཚིག་དེ་དག་ཕན་སེམས་དང་ལྡན་པ་དང་མ་འོངས་པར་ང་ཚོ་རིགས་བརྒྱུད་སྐོར་སེམས་ཁྲལ་བྱེད་ཡོད་རེད།

ཚོགས་ཆེན་དེ་ཚོགས་ཐུབ་པ་ནི་ལོ་གསར་པའི་ནང་བློ་སྟོབས་སྤེལ་བའི་འགོ་འཛུགས་ཞིག་བྱུང་བ་རེད། དེར་ཆོས་དད་སྡེ་ཚན་ཁག་གི་མི་མང་མཉམ་དུ་འབྲེལ་ནས་བོད་པའི་དབུ་ཁྲིད་ཚོས་ང་ཚོ་ལ་འགལ་རྐྱེན་བར་ཆད་མང་པོ་འཕྲད་པར་བྱས་པ་དེ་དག་ལ་མི་ལྟོས་པར་ང་ཚོ་རྡོ་རྩ་གཅིག་སྒྲིལ་བྱེད་ཐུབ་དུས་ང་རང་ཧ་ཅང་སྤོབས་པ་ཆེན་པོ་སྐྱེ་བྱུང་།

དེ་བཞིན་བདག་གི་དགེ་བའི་བཤེས་གཉེན་དཔལ་ལྡན་ཚེམས་རིན་པོ་ཆེ་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོང་གི་བཀའ་དྲིན་ལ་བརྟེན་ནས་ང་ཚོ་ཚོགས་ཆེན་དེའི་ནང་བཅར་ཐུབ་པ་དང་ཀེ་ཆ་རའི་ཚོགས་མི་ཞིག་ཡིན་པའི་ཆ་ནས་ང་ཚོ་ཡང་འདིའི་སྐོར་ལས་དོན་སྤེལ་གྱི་ཡོད་སྐོར་བཤད་རྒྱུ་བྱུང་བ་དང་ཉམས་མྱོང་ཡང་ཆེན་པོ་བྱུང་། དེར་ང་ཚོའི་རིགས་རྒྱུད་འཛིན་སྐྱོང་བྱེད་པར་བདག་གིས་ད་དུང་ཡང་ཁ་གཏད་མང་པོ་གཅོག་ཐུབ་པར་སྐད་ཆ་མང་པོ་ཤེས་བྱུང་། ༢༠༡༨ ལོ་འདི་ནང་བཀག་སྡོམ་འདི་མེད་པར་འགྱུར་བའི་རེ་སྨོན་ཡོད།


ལེའུ་གསུམ་པ་ཀློག་པར་འདི་གནོན་རོ།།
ལེའུ་དང་པོ་ཀློག་པར་འདིར་གནོན་རོ།།

0

阅读 评论 收藏 转载 喜欢 打印举报/Report
  • 评论加载中,请稍候...
发评论

    发评论

    以上网友发言只代表其个人观点,不代表新浪网的观点或立场。

      

    新浪BLOG意见反馈留言板 电话:4000520066 提示音后按1键(按当地市话标准计费) 欢迎批评指正

    新浪简介 | About Sina | 广告服务 | 联系我们 | 招聘信息 | 网站律师 | SINA English | 会员注册 | 产品答疑

    新浪公司 版权所有